རང་རེ་བོད་མི་སྣེ་ཁྲིད་ཐུབ་པ་དང་། མངོན་པར་གསལ་བའི་འཆར་སྣང་། གྲུབ་འབྲས་ལྡན་པའི་ཤེས་འཇོན། ཞུམ་པ་མེད་པའི་ཆོད་སེམས་བརྟན་པ་བཅས་མི་ལོ་ ༣༠ རིང་འགོ་ཁྲིད་ཀྱི་ཉམས་མྱོང་ལྡན་པ།
ཁོང་དགུང་ལོ་ ༣༥ ཕེབས་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གསུམ་ཏེ་དཔལ་འབྱོར་དང་། འཕྲོད་བསྟེན། ཕྱི་འབྲེལ་བཅས་ཀྱི་བཀའ་བློན་གྱི་ལས་འཁུར་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་གོང་འཕེལ་དང་འབྲེལ། ཐེངས་དང་པོ་གཞུང་གི་སྔོན་རྩིས་ཕར་འབྱུང་ཕྱོགས་སུ་ཁྲིད་ཐུབ་པ་བྱུང་བ་མ་ཟད། ཕྱི་རྒྱལ་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་གཞན་དང་འབྲེལ་ལམ་དམ་ཟབ་བསྐྲུན་ཐུབ་པ་བྱུང་ཡོད། ཚོང་ལས་ཁག་སྒེར་བདག་ཅན་དུ་སྒྱུར་རྒྱུའི་གཞུང་གི་སྲིད་བྱུས་ཁག་འཐུས་ཚང་ལག་ལེན་བསྟར་བ་དང་། ལྷག་པར་དུ་བོད་ཀྱི་ཚོང་པའི་ལྷན་ཚོགས་ཐོག་མ་གསར་འཛུགས་ཞུ་ཐུབ་པ་བྱུང་སྟེ་བཙན་འབྱོལ་ནང་གི་བོད་པའི་ཚོང་པ་ཚོའི་བར་འབྲེལ་ལམ་སྟབས་བདེ་བསྐྲུན་ཡོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ཡོང་ཁུངས་དམིགས་རྟེན་བྱེད་ས་གཙོ་བོ་བོད་མིའི་དཔྱ་ཁྲལ་བསྡུ་འབུལ་གྱི་ལམ་ལུགས་སྒྱུར་བཅོས་ཀྱིས་ལག་དེབ་གསར་པ་བཟོས་ཏེ་དཔྱ་ཁྲལ་བསྡུ་ལེན་གནང་ཕྱོགས་ཚགས་ཚུད་དང་ཚད་ལྡན་ཅན་དུ་བསྒྱུར་ཡོད། དཔྱ་ཕྲལ་ལག་དེབ་ཀྱི་ཐོ་འགོད་དེང་རབས་དང་མཐུན་པའི་མཉེན་ཆས་མ་ལག་ནང་ཐོ་གཞུང་དང་དཔྱ་ཁྲལ་ཡོངས་བབས་སོགས་ཉར་ཚགས་ཞུ་ཐུབ་པའི་གསར་གཏོད་ཞུས་ཡོད།
ཕྱི་འབྲེལ་བཀའ་བློན་གྱི་འགན་འཁུར་ཞུ་སྐབས་བོད་ཀྱི་གནད་དོན་དེ་བཞིན་རྒྱལ་སྤྱིའི་གླེང་སྟེགས་འདྲ་མིན་ཐོག་རྒྱབ་སྐྱོར་རག་ཐབས་དང་གོ་རྟོགས་སྤེལ་ཐུབ་པ་བྱུང་བ་མ་ཟད། རྒྱ་བོད་ཆབ་སྲིད་ཀྱི་གནད་དོན་སྐོར་བགྲོ་གླེང་ཚོགས་འདུ་གོ་སྒྲིག་དང་། བོད་དོན་སྐོར་འབྲེལ་ཡོད་དྲིལ་བསྒྲགས་ཡིག་ཆ་པར་བསྐྲུན་ཞུ་ཐུབ་པ་བྱུང་ཡོད། དམིགས་བསལ་བོད་རྒྱ་ཞི་མོས་ལམ་ནས་དཀའ་རྙོག་སེལ་ཐབས་ཡོང་ཆེད་རྒྱ་རིག་ཤེས་ཡོན་ཅན་དང་བོད་རིགས་ཤེས་ཡོན་ཅན་བར་ཚོགས་འདུ་ཐེངས་གཉིས་གོ་སྒྲིག་ཞུས་པ་དང་། རྒྱ་གཞུང་གི་དཔོན་རིགས་དང་ཐུག་འཕྲད་ཀྱིས་བོད་རྒྱ་ཞི་མོལ་ཡོངས་ཐབས་འབད་བརྩོན་ཞུས་ཡོད། ཕྱི་ལོ་ ༢༠༠༥ ནས་ ༢༠༠༦ བར་དང་དེ་ནས་ཕྱི་ལོ་ ༢༠༡༢ ནས་ད་བར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཚུང་གི་ཚོགས་མིའི་འགན་འཁུར་ཞུ་བཞིན་ཡོད་པ་རེད། འཕྲོད་བསྟེན་བཀའ་བློན་གྱི་ལས་རྒྱུན་རིང་བཙན་འབྱོལ་བོད་མའི་འཕྲོད་བསྟེན་ལྟ་སྐྱོང་སྤྱི་དང་ཡང་སྒོས་སུ་མ་དང་བྱིས་པའི་འཕྲོད་བསྟེན་ཐོག་དམིགས་བསལ་ཤུགས་སྣོན་བརྒྱབ་སྟེ་ཕན་འབྲས་ཐོན་པ་བྱུང་ཡོད།
ཕྱི་ལོ་ ༡༩༩༦ ལོར་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་སྐབས་རང་འཁྲིས་ལས་དོན་བྱེད་སྒོ་མཐའ་དག་དྲང་ཚུགས་ཟིན་ཞིང་སྤྱི་སེམས་ཆེ་བ་དང་། དུས་དང་རྣམ་པ་ཀུན་ཏུ་བོད་དང་བོད་མིའི་རྩ་དོན་གཙོ་གཟུང་ཐོག་ལྷག་བསམ་རྣམ་དག་གི་ཞུ་སྒོའི་ལས་དོན་ཁག་བསྒྲུབས་མཁན་ཞིག་ཡིན། སྐབས་དེ་ཁོང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་དང་སྲིད་བྱུས་ཁག བཙན་འབྱོལ་བོད་མིའི་གྲོས་ཚོགས་ཀྱི་ལམ་ལུགས་དང་འགན་འཁུར་སོགས་ལ་རྒྱུས་མངའ་གཏིང་ཟབ་ཐུབ་པའི་གོ་སྐབས་རག་ཡོད།
ཕྱི་ལོ་ ༡༩༩༠ ལོར་མཐོ་རིམ་སློབ་གྲྭ་ཐོན་རྗེས་ཐོག་མ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འཛིན་སྐྱོང་དྲུང་ཆེ་དང་། དེ་ནས་སྤྱི་ཁྱབ་ཟུང་དྲུང་དང་དྲུང་ཆེ། དེར་རྗེས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་ཚོགས་གཞོན་སོགས་ཀྱི་འགན་འཁུར་ཞུས། ཕྱི་ལོ་ ༢༠༠༡ ལོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་དང་། བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ཚོགས་གཞོན། ༧གོང་ས་མཆོག་གི་ཡིད་ཆེས་དགེ་རྩའི་ཚོགས་མིའི་དྲུང་ཆེ་བཅས་ཀྱི་འགན་འཁུར་ཞུས།
ཕྱི་ལོ་ ༡༩༩༦ ལོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཐོག་མར་གསར་འཛུགས་གནང་སྐབས་འགན་འཛིན་གྱི་ལས་འཁུར་རིམ་པ་ཞུས་ཡོད་ཅིང་། དེའི་སྐབས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཞིབ་འཇུག་དང་སྙན་ཐོ་འདོན་སྤེལ། ཡ་ང་བའི་གཞིས་ལུས་སྤུན་ཟླའི་དངོས་ཡོད་གནས་སྟངས་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་རིམ་པའི་ནང་གླེང་སློང་དང་རྒྱབ་སྐྱོར་ཐོབ་ཐབས་ཀྱི་ཤུགས་སྣོན་ཆེན་པོ་བརྒྱབ་པ་མ་ཟད། རྒྱལ་ཚོགས་ཀྱི་ཚོགས་འདུ་འགའ་ཤས་ལ་མཉམ་ཞུགས་ཐུབ་པ་བྱུང་སྟེ་བོད་ཀྱི་གནད་དོན་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གཏམ་བཤད་དང་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད། དེ་བཞིན་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་སྲོལ་དང་ལྟ་གྲུབ་སྐོར་གོ་རྟོགས་སྤེལ་རྒྱུ་ལས་འཆར་མང་པོ་བརྩམས་ཏེ་གཞིས་ཆགས་ཁག་དང་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་སྐོར་གོ་རྟོགས་ཤུགས་ཆེན་སྤེལ།
ཕྱི་ལོ་ ༢༠༠༨ ལོར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་འཁུར་ཞུ་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བྱང་ཨ་རིར་ཆིབས་བསྒྱུར་ཐེངས་ ༡༣ གོ་སྒྲིག་འཐུས་ཚང་དང་ལམ་ལྷོངས་ལྡན་པ་ཞུ་ཐུབ་པ་བྱུང་ཡོད་ཅིང་། དེ་བཞིན་ཨ་རི་དང་ཁེ་ན་ཌའི་གཞུང་དང་གྲོས་ཚོགས་འཐུས་མི་བར་ལ་བོད་ཀྱི་གནད་དོན་སླད་འབྲེལ་གཏུག་ཡང་ཡང་ཞུ་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༢༠༡༣ ནས་ཨ་རིའི་བོད་ཀྱི་ཐེབས་རྩའི་འགན་འཛིན་དང་ད་ལྟའི་ཆར་ཨ་རི་བོད་ཀྱི་ཐེབས་རྩའི་ཚོགས་གཙོའི་འགན་འཁུར་ཞུ་བཞིན་ཡོད་པ་དང་། སྐབས་འདིའི་རིང་བཙན་བྱོལ་ནང་གི་ཚོགས་སྡེ་ཁག་མང་པོར་རོགས་དངུལ་ཐབས་འཚོལ་དང་རོགས་རམ་ཐུབ་པ་བྱུང་ཡོད་ཅིང་། འབྲེལ་ཡོད་ཨ་རི་གཞུང་གི་རོགས་དངུལ་ཐེབས་རྩའི་ལས་ཁུངས་གཙོས་པའི་རོགས་ཚོགས་གཞན་དང་འབྲེལ་འདྲིས་དམ་ཟབ་ཐུབ་པ་བྱུང་ཡོད་པ་རེད།
མདོར་ན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ནི་མི་ལོ་ ༣༠ ལྷག་རིང་༧གོང་ས་མཆོག་གི་བཀའ་དགོངས་སྤྱིི་བོ་གཙུག་ཏུ་བཀུར་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ལམ་སྟོན་གྱི་རྒྱ་ལས་མ་བརྒལ་བ། བོད་པའི་སྤྱི་ཚོགས་ཀྱི་གལ་ཆེའི་ཚོགས་སྡེ་ཁག་གི་འགན་འཛིན་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་དང་། བཀའ་བློན། སྤྱི་འཐུས་བཅས་ཀྱི་ལས་འཁུར་ཞུས་པའི་སྐབས་སུ་བོད་དང་བོད་མིའི་རྩ་དོན་དང་། ཁེ་ཕན། དགོས་མཁོ་བཅས་གཞིར་རྩ་བཞག་སྟེ་བོད་ཀྱི་སྐད་ཡིག་དང་། ཆོས་རིག་སྲུང་སྐྱོབ་དང་དར་སྤེལ། བོད་པའི་སྤྱི་ཚོགས་ཡར་རྒྱས་དང་། རྒྱུན་གནས་སྲ་བརྟན། བོད་དོན་དྲིལ་བསྒྲགས་དང་བོད་དོན་བདེན་མཐའ་སེལ་ཐབས་བཅས་ཀྱི་ལས་དོན་ལ་ལྷག་བསམ་དང་འབད་འབུངས་ཆེན་པོའི་ཞབས་ཞུ་སྒྲུབ་མཁན་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ན། ད་དུང་ཡང་མུ་མཐུད་སྔར་ལས་ལྷག་པའི་འབད་བརྩོན་དང་བོད་པའི་ལས་དོན་ཐོག་ཞབས་ཕྱི་གང་ཐུབ་ཞུ་རྒྱུའི་ཆོད་སེམས་དང་འདུན་པ་ཤུགས་དྲག་ཡོད་མཁན་ཞིག་ཀྱང་ཡིན་པ་རེད། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་རང་ལོ་ ༥༤ ཡིན་པ་དང་། ཁོང་དང་བཟའ་ཟླ་དཔལ་མོ་གཉིས་ལ་ཕྲུ་གུ་གསུམ་ཡོད།
བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ནས་མི་ལོ་ ༣༠ ལྷག་རིང་ཆབ་སྲིད་དང་། འཛིན་སྐྱོང་། སྤྱི་ཚོགས་སོགས་ལ་སྨན་པའི་འགན་འཁུར་ཞུས་པ་གཤམ་གསལ།
* བོད་ཀྱི་ཐེབས་རྩའི་ཚོགས་གཙོ་ཕྱི་ལོ་ ༢༠༡༨ ཟླ་ ༡ ད་ལྟའི་བར།
* བོད་ཀྱི་ཐེབས་རྩའི་རྒྱུན་ལས་འགན་འཛིན་ ༢༠༡༣ ཟླ་ ༩ པ་ནས་ ༢༠༡༧ ཟླ་ ༡༢ བར།
* ནིའུ་ཡོག་༧གོང་ས་མཆོག་གི་ཡིད་ཆེས་དགེ་རྩའི་དྲུང་ཆེ་དང་ཚོགས་མི་ ༢༠༡༠ ནས་ ༢༠༡༩
* བྱང་ཨ་རིའི་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཕྱི་ལོ་ ༢༠༠༨ ཟླ་ ༩ ནས་ ༢༠༡༣ ཟླ་ ༨ བར།
* བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཕྱི་ལོ་ ༢༠༠༥ ནས་ ༢༠༠༦ བར་དང་ ༢༠༡༢ ནས་ད་བར།
* དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ ༢༠༠༡ ཟླ་ ༩ ནས་ ༢༠༠༦ ཟླ་ ༨
* དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ ༢༠༠༥ ཟླ་༣ ནས་ ༢༠༠༦ ཟླ་༨ བར།
* དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་སྟེན་བཀའ་བློན་ ༢༠༠༡ ཟླ་ ༩ ནས་ ༢༠༠༥ ཟླ་༢ བར།
* བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་ཕྱི་ལོ་༢༠༠༡ ཟླ་ ༡༢ ནས་ ༢༠༠༥ ཟླ་ ༡༠ བར།
* བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཕྱི་ལོ་༡༩༩༦ ཟླ་ ༡༠ ནས་ ༢༠༠༡ ཟླ་ ༩ བར།
* བོད་མི་མང་སྤྱི་འཐུས་ཕྱི་ལོ་ ༡༩༩༦ ཟླ་ ༥ ནས་ ༢༠༠༡ ཟླ་ ༩ བར།
* བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཞོན་ ༡༩༩༦ ཟླ་༨ ནས་ ༢༠༠༡ ཟླ་༩ བར།
* ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་གཞོན་ ༡༩༩༥ ཟླ་ ༩ ནས་ ༡༩༩༧ ཟླ་ ༡ བར།
* བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ ༡༩༩༣ ཟླ་༥ ནས་ ༡༩༩༥ ཟླ་ ༥ བར།
* བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་གཞོན་དང་འཛིན་སྐྱོང་དྲུང་ཆེ་ཕྱི་ལོ་ ༡༩༩༠ ཟླ་ ༤ ནས་ ༡༩༩༣ ཟླ་ ༥ བར།
* ཅན་རྡི་གྷར་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་ཕྱི་ལོ་ ༡༩༨༨ ཟླ་ ༨ ནས་ ༡༩༨༩ བར་ ཟླ་༧ བར།
* ཅན་རྡི་གྷར་ས་གནས་གཞོན་ནུའི་དྲུང་ཆེ་ཕྱི་ལོ་ ༡༩༨༧ ཟླ་ ༤ ནས་༡༩༨༨ ཟླ་ ༧ བར།
Kasur Lobsang Nyandak shares his views on three major policies, including Sino-Tibetan dialogue and resettlement of 10,000 Tibetans
VISION • PRINCIPLES • GOALS
བོད་མིའི་འཐབ་རྩོད་ཀྱི་ལོ་རྒྱུས་ནང་ད་ལྟའི་དུས་སྐབས་འདི་ནི་ད་བར་གྲུབ་འབྲས་རླབས་པོ་ཆེ་མང་པོ་ཞིག་འདོན་ཐུབ་ཡོད་པ་དེ་རྣམས་གོང་འཕེལ་གཏོང་རྒྱུའི་དུས་སྐབས་བཟང་པོ་ཤིག་དང་། ཡང་ཕྱོགས་གཞན་ཞིག་ཏུ་ང་ཚོར་སྤྱིའི་རྩ་དོན་ལ་ཕན་མེད་གནོད་སྐྱེལ་གྱི་གནད་དོན་ཁག་ཅིག་ལ་གདོང་ལེན་བྱ་དགོས་པའི་གཉན་འཕྲང་གི་དུས་ཚོད་ཅིག་ཀྱང་ཡིན་པས།
Kasur Lobsang Nyandak confirms his readiness to lead the Tibet movement at this critical time of our history - Tsering Passang.
Kasur Mr Lobsang Nyandak, President of New York-based Tibet Fund, has on Mar 2 offered his candidature for election as the Sikyong (President) of the Central Tibetan Administration for the upcoming, 2021 election, becoming the second person to do so thus far. Earlier, on Jan 17, Kasur Ms Dolma Gyari made clear her intention to stand for election for the post.
ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་ཏེ་བདེན་པ་དང་འཆམ་མཐུན། མཉམ་ཁྲིད་བཅས་ཀྱི་ལྟ་གྲུབ་གསུམ་ནི་བོད་མིའི་རྩ་དོན་གྱི་ཀ་བ་གསུམ་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་།
Music video "A Tribute Song for Lobsang Nyandak" created by his supporters in the hopes of finding the best leader for Tibetans - 2021 Sikyong.
Singers - Tsering Phuntsok, Tenzin Kunsang, Gyalmo Ngogue Tsal
Lyrics - Zomlha Karma Dakpa
Song Composed and Produced by Ngodup Phuntsok
Concept and Directed by Tsering Phuntsok
Vocal Recordist - Tenor (Ex-TIPA)
Cameramen - Thinley and Ron
Music - Alfa Studio Nepal
Special Thanks to Sonam Wangdue and all Supporters
JOIN US!