ཤེས་འཇོན་ཉམས་མྱོང་ལྷག་བསམ་ལྡན་པའི་སྲིད་སྐྱོང་འོས་མི་བཀའ་ཟུར་བློ་བཟང་སྙན་གྲགས།

འཛོམས་ལྷ་ཀརྨ་གྲགས་པས།

ཉིས་སྟོང་ཉེར་གཅིག་ལོའི་སྲིད་སྐྱོང་འདེམས་ཤོག།

ཤེས་འཇོན་ཉམས་མྱོང་ལྷག་བསམ་ལྡན་པའི་ཐོག།

བཙན་བྱོལ་བོད་མིའི་སྤྱི་ཚོགས་རྒྱུས་མངའ་ཅན།།

རྒྱལ་སྤྱིའི་སྤྱི་ཆོགས་གནས་བབ་གོ་རྟོགས་ཅན།།   

བཙན་བྱོལ་བོད་མའི་རྒན་དར་གཞོན་གསུམ་གྱིས།།

ཞེད་སྣང་འཚེར་སྣང་འཇིགས་སྣང་སྣ་ཚོགས་འོག།

མ་སྡོད་ཉེར་གཅིག་ལོའི་སྲིད་སྐྱོང་འདེམས་ཤོག།

མ་གཏོགས་འགྱོད་པའི་གླིང་དུ་བསྐྱལ་ཡོང་དྭ།།

  

རྒན་དར་གཞོན་གསུམ་གབ་ནས་མ་སྡོད་པར།།

ཉིས་སྟོང་ཉེར་གཅིག་ལོ་ཡི་སྲིད་སྐྱོང་མཆོག།🎄

ཤེས་འཇོན་ཉམས་མྱོང་ལྷག་བསམ་ལྡན་པའི་ཐོག།

བཙན་བྱོལ་བོད་འབངས་རྒྱུས་མངའ་ཅན་གྱི་མི།།

མི་རིང་བོད་འབངས་་དཀའ་སྡུག་ལས་གྲོལ་ཆེད།།

བོད་རྒྱལ་ཞི་གྲོས་ལས་དོན་སོགས་མཁྱེན་པའི།།

སྐད་ཡིག་གསུམ་ལྡན་བློ་བཟང་སྙན་གྲགས་ཁོང་།།

མོས་མཐུན་རྒྱབ་སྐྱོར་ཡོད་ན་གསུང་བྱོན་ཤོག།།


ཞེན་དང་འཁོན་འཛིན་དབང་དུ་མ་འགྲོ་བར།།

མ་འོངས་སྤྱི་ཚོགས་ཞི་བདེ་ལྷིང་འཇགས་དང་།།

བདེ་སྐྱིད་འཆམ་མཐུན་བྱུང་ན་བོད་འབངས་ཀྱི།།

རྩ་དོན་ཤུགས་སུ་རང་བཞིན་འགྲུབ་པར་སླ།།

 

ནང་ཁུལ་འཆམ་མཐུན་དགོས་ངེས་ཤིག་མཐོང་ན།།

བཀའ་ཟུར་བློ་བཟང་སྙན་གྲགས་ལས་ལྷག་མེད།།

བོད་རྒྱལ་དཀའ་རྙོག་བསལ་སླད་རྒྱ་བོད་བར།།

ཞི་བའི་གྲོས་མོལ་དགོས་ན་བློ་བཟང་གྲགས།།

 

ཆབ་དཔལ་རིཌ་གསུམ་གོང་དུ་འཕེལ་དགོས་ན།།

བགྲང་བྱ་སུམ་བཅུའི་ཉམས་མྱོངས་ལྔན་པའི་ཐོག།

བཀའ་དྲིན་བདག་ཉིད་གོང་ས་མཆོག་ལ་ཡང་།།

བཀའ་གྲོས་ཞབས་ཞུ་དགོས་ནའང་བློ་བཟང་དྲག།

 

འཛིན་སྐྱོང་གོང་མའི་གལ་ཆེན་ལས་དོན་རིགས།།

འཇུག་བསྐྱོང་དགོས་ན་བློ་བཟང་སྙན་གྲགས་དྲག།

ལྷན་ཁང་ཡོངས་ཀྱི་ཉམས་མྱོང་འཛོམས་དགོས་ན།།

བཀའ་ཟུར་བློ་བཟང་སྙན་གྲགས་ལས་ལྷག་མེད།།

 

བཀའ་སྤྱི་གཉིས་ཀྱི་ལམ་སྲོལ་མཁྱེན་དགོས་ན།།

བློ་གྲོས་རྣམ་དཔྱོད་བློ་བཟང་སྙན་གྲགས་འབར།།

རྒན་རབ་ཉམས་ཐག་ལྟ་སྐྱོང་བྱེད་དགོས་ན།།♥

བྱམས་སྐྱོང་བློ་བཟང་སྙན་པར་ཡོངས་སུ་གྲགས།།

 

མ་རྒས་མ་གཞོན་དཔའ་རྒོད་སྙིང་སྟོབས་ཅན།།

མི་འཇོན་མེད་པའི་རྣམ་དཔྱོད་ཤེས་རབ་ཅན།།

མ་རྒན་ལྟ་བུའི་བོད་འབངས་བསྐྱོང་ནུས་པའི།།

མི་དབང་བློ་བཟང་སྙན་གྲགས་རྒྱལ་གྱུར་ཅིག།

SHARE THIS PAGE!